སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འཆར།


2013.10.28
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་ཉིན་གཏམ་བཤད་གནང་བཞིན་པ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག
པར། བོད་མིའི་སྒྲིག་འཛུགས།

ཟླ་རྗེས་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རི་སོགས་ས་གནས་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་འདུག

དེ་ཡང་གནས་ཚུལ་ལྟར་ན། རིང་མིན་ཕྱི་ཟླ་ ༡༡ ཚེས་ ༡༡ ནས་ཚེས་༢༥བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། ཝ་ཤིན་ཊོན། སན་ཧྥན་སི་ཀོ་བཅས་དང་། དེ་བཞིན་ཨི་ཊ་ལིའི་མངའ་ཁོངས་Trento དང་། ལྷོ་ཊི་རོལ་རང་སྐྱོང་ལྗོངས།  རྒྱ་གར་གྱི་རྒྱལ་ས་Delhi དང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་Simlaབཅས་ས་གནས་ཁག་ཅིག་ཏུ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། ཐོག་མར་སྲིད་སྐྱོང་མཆོག་ལྡི་ལི་ཁུལ་དུ་གཞུང་འབྲེལ་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། དེའི་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གཞུང་འབྲེལ་ལྷན་ཚོགས་ནང་མཉམ་ཞུཌ་གནང་རྒྱུ། དེ་ནས་ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནད་ཡོད་མི་སྣ་མཇལ་འཕྲད་གནང་བའི་རྗེས། ཕྱི་ཚེས་ ༡༤ དང་ ༡༥ ཉིན་གྲོང་ཁྱེར་སན་ཧྥན་སི་ཀོར་ལ་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་གི་ཆེད་འབྲེལ་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་རྒྱུ། དེ་ནས་ཕྱི་ཚེས་ ༡༦ ཉིན་ནིའུ་ཡོག་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༧ ཉིན་ཨི་ཊ་ལིའི་ གྲོང་ཁྱེར་མི་ལན་དུ་ཕེབས་འབྱོར་གྱིས། ཕྱི་ཚེས་ ༡༨ ཉིན་ཨ་ཊ་ལིའི་མངའ་ཁོངས་ཊེ་རེན་ཊོ་དང་ལྷོ་ཊི་རོལ་རང་སྐྱོང་ལྗོངས་སུ་ཕེབས་ནས་ལས་དོན་ནང་མཉམ་ཞུཌ་གནང་རྗེས་རྒྱ་གར་ལ་ཕྱིར་ཕེབས་གནང་སྟེ། རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་གནང་རྒྱུ་དང༌། དེ་རྗེས་ཕྱི་ཚེས་ ༢༣།༢༤ ཉིན་གཉིས་རིང་ཁུལ་དེར་ཧི་མཱ་ལ་ཡིའི་དུས་སྟོན་མཛད་སྒོར་མཉམ་ཞུགས་གནང་སྟེ་ཕྱི་ཚེས་ ༢༥ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎