སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་བཀའ་ཤག་གི་དགོངས་གཞི་དང་ལས་དོན་གནང་ཕྱོགས་སྐོར་གསུང་བཤད།
2022.04.06

ཟླ་འདིའི་ཕྱི་ཚེས་ལྔ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་ཡོངས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་གཞི་དང་ལས་དོན་གནང་ཕྱོགས་ཐད་གསུང་བཤད་གནང་སྐབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་གཙོས་པའི་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་ལས་གཞི་གང་རུང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ལས་དོན་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད། ཞིབ་ཕྲ་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག