སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་རྟི་རྫུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། སྐྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ་དང་མོན་རྟ་དབང་བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པའི་རྗེས་འདི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་རྟ་དབང་ནས་གྷོ་ཧ་ཊིར་(Guwahati)ཐད་འཕུར་གནམ་གྲུ་བརྒྱུད་ཕེབས་དོན་གནང་ཡོད་པ་དང་། སྐབས་དེར་གྷོ་ཧ་ཊིར་གནམ་ཐང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་རྣམ་གཉིས་དབར་ཁྱོན་དུས་ཡུན་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་རིང་མཇལ་འཕྲད་དང་བཀའ་མོལ་གནང་ཡོད་པའི་སྐོར། ཞིབ་ཕྲ་གནས་ཚུལ་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག