བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་གནས།


2014.04.16
བཞུགས་སྒར་དུ་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་གནས་དང་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ཕྱི་ལོ་༢༠༡༤ཟླ་༤ཚེས་༡༦།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ལོ་༢༠༡༤ཟླ་༤ཚེས་༡༦ཉིན་བཞུགས་སྒར་དྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་གནས་གསར་པ་དང་།ད་ལྟའི་བོད་ནང་གི་དབང་འཛིན་པ།ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

 

ཡིག་ཐོག་གསར་འགྱུར།

ཕྱི་ཚེས་༡༦ཉིན་བཀའ་ཤག་གི་ཚོགས་ཁང་ནང་འབྲེལ་ཡོད་སྲི་ཞུའི་ལས་བྱེད་པ་དང་ཉམས་ཞིབ་པ་དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་༣༠བརྒལ་བའི་འདུ་འཛོམས་ཐོག་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ tibetpolicy.netཅེས་བོད་ཡིག་དང་དབྱིན་ཡག་ཐོག་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་གསར་པ་དང་། ད་ལྟའི་བོད་ནང་གི་དབང་འཛིན་པ། ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་འདུག དྲ་རྒྱ་དབུ་འབྱེད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱའི་མིག་དཔེ་བཞག་ས་འདི་རྒྱལ་སྤྱི་དང་རྒྱ་གར་ནང་གི་སྲིད་བྱུས་ཉམས་ཞིབ་ཁང་ཚོས་ལས་དོན་སྤེལ་ཕྱོགས་རྣམས་རྩ་འཛིན་གནང་ནས་ ཚད་ལྡན་གྱི་དྲ་རྒྱ་བཟོ་བསྒྲིགས་ཀྱི་འབད་བརྩོན་གང་ཐུབ་གནང་བར་བསྔགས་བརྗོད་ཞུས་གནང་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་སོང་བཏང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་གཏམ། ལྷག་པར་རང་ལུས་མེར་སྲེག་སྐོར་འཁྱོག་བཤད་ཀྱི་དྲིལ་བསྒྲགས་རྒྱ་ཆེ་བྱས་དང་བྱེད་མུས་ཡིན་སྟབས་དྲ་རྒྱ་འདི་བརྒྱུད་ བོད་དོན་དང་ལྷག་པར་དུ་བདེན་པའི་གནས་ཚུལ་གང་ཡིན་རྣམས་རྒྱལ་སྤྱིའི་ཐོག་གསལ་སྟོན་ཐུབ་རྒྱུའི་རེ་བ་ཙམ་དུ་མ་ཟད།དྲ་རྒྱ་འདི་བརྒྱུད་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཉིན་རེའི་གསར་འགྱུར་ཙམ་མིན་པར་དེ་ལས་ལྷག་པའི་རྒྱ་ནག་གཞུང་གིས་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཆོས་དད་རང་དབང་། ཤེས་ཡོན་སོཌ་ཕྱོགས་ཡོངས་ཀྱི་སྲིད་བྱུས་གང་གི་ཐད་ཉམས་ཞིབ་གཏིང་ཟབ་གནང་པ་དེས་བོད་པའི་སྤྱི་ཚོགས་ནང་བདེན་རྫུན་དང་དཀར་ནག་གང་ཡིན་དབྱེ་འབྱེད་ཐུབ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པའི་སྐོར་གསལ་འདོན་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎