མཚན་རྟགས་བསྡུ་རུབ།
2014.03.27

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།
༄༅། །རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀུ་པི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་རྒྱ་ཞི་མོལ་གང་མགྱོགས་ཡོང་ཐབས་སུ་དམིགས་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག ལས་འགུལ་དེ་ས་གནས་གང་སར་ཡོད་པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་༢༦ཉིན་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་གནང་ཡོད་པ་རེད། དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ང་ཚོའི་ས་གནས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།