རྒྱ་གར་ནས་བོད་མི་ཕྱིར་ཐོན་ཆོག་མཆན་མི་དགོས་པ།


2017.10.24
རྒྱ་གར་ནས་བོད་མི་ཕྱིར་ཐོན་ཆོག་མཆན་མི་དགོས་པ། རྒྱ་གར་ནས་བོད་མི་སྐྱབས་བཅོལ་བ་ཕྱིར་རྒྱལ་ཁབ་དུ་ཕེབས་རྒྱུ་སྟབས་བདེ་རུ་འགྲོ་རྒྱུ་རེད་འདུག
ངོ་དེབ།

༄༅༎ད་ལྟའི་སྐབས་སུ་རྒྱ་གར་ནས་བོད་མི་སྐྱབས་བཅོལ་བ་ཚོར་ཕྱི་རྒྱལ་ཁབ་དུ་ཕེབས་དུས་རྒྱ་གར་གྱི་ཕྱིར་བསྐྱོད་ལག་འཁྱེར་ཡོད་མིན་ལ་མ་བལྟོས་པ་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དུ་མཐོང་མཆན་མ་ཞུས་སྔོན་དུ་།ད་དུང་རྒྱ་གར་ནང་སྲིད་ལས་ཁུངས་ནས་ཕྱིར་ཐོན་ཆོག་མཆན་ཟེར་བའི་ཡིག་ཆ་ཞིག་འཕར་མ་ཞུ་དགོས་ཡོད་འདུག
དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པ་གཞིགས་ན་མི་རིང་བ་བོད་མི་སྐྱབས་བཅོལ་བ་ཕྱིར་རྒྱལ་ཁབ་དུ་ཕེབས་ཐོན་སྐབས་སུ་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུང་ནས་གོང་ཞུས་ཕྱིར་ཐོན་མཆོག་མཆན་exit permt་ཞེས་པ་ཡིག་ཆ་དེ་ཞུ་མི་དགོས་པ་བཟོ་འཆར་ཡོད་འདུག
དེ་ཡང་རྒྱ་གར་གཞུང་གིས་མཐོ་རིམ་དཔོན་རིགས་ཤིག་གིས་བརྗོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་ལུང་འདྲེན་བྱས་པ་ལྟར་ན།ད་ལྟའི་འགྲོ་ལུགས་ལྟར་ན་བོད་མི་སྐྱབས་བཅོལ་བ་རྒྱ་གར་ནས་ཁ་བྱེས་ནས་ཕྱི་རྒྱལ་དུ་ཕྱོགས་ཐོན་སྐབས།རྒྱ་གར་ནང་སྲིད་ལས་ཁུངས་ནས་ཕྱིར་ཐོན་ཆོག་མཆན་ཟེར་བ་ཞིག་ལེན་དགོས་ཀྱི་ཡོད་།འོན་ཀྱང་བོད་མི་ཚོས་ཕྱིར་བསྐྱོད་ལག་འཁྱེར་ICཞུ་བའི་བརྒྱུད་རིམ་ནང་དོ་དག་གི་རྒྱབ་ལྗོངས་གནས་ཚུལ་སོགས་གཞུང་གིས་ཞིབ་ཕྲ་བལྟ་ཞིབ་བརྒྱུད་ནས་འགྲོ་ཡི་ཡོད་དུས་།ཕྱིར་ཐོན་ཆོག་ཆན་དེ་དོན་མེད་དགོས་མེད་གྱི་བརྒྱུད་རིམ་འཕར་མ་ཞིག་ཆགས་ཀྱི་ཡོད་སྟབས་།དེརརྒྱ་གར་དབུས་གཞུང་གིས་མི་དགོས་པ་བཟོ་འདོད་ཡོད་སྐོར་བརྗོད་འདུག
དེའི་ཚབ་ཏུ་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་དོ་དག་སོ་སོར་ཕྱིར་བསྐྱོད་ལག་འཁྱེར་གཞུང་གིས་སྤྲོད་པའི་སྐབས་སུ་དེ་དང་མཉམ་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ་ཞིག་ཟུར་སྦྱར་གྱི་མཐུན་པ་གནང་རྒྱུ་རེད་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎