བཞུགས་སྒར་བར་རྐང་འཁོར་སྐོར་བསྐྱོད་གནང་རྒྱུ།


2013.11.27
བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་བཞུགས་སྒར་བར་རྐང་འཁོར་སྐོར་བསྐྱོད་བྱེད་བཞིན་པ། བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ཅན་དི་གྷར་ནས་བཞུགས་སྒར་བར་རྐང་འཁོར་སྐོར་བསྐྱོད་བྱེད་བཞིན་པ་རེད་འདུག
པར། རིན་པོ།

བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ཅན་དི་གྷར་ནས་བཞུགས་སྒར་བར་རྐང་འཁོར་སྐོར་བསྐྱོད་བྱེད་བཞིན་པ་རེད་འདུག

དེ་ཡང་རྐང་འཁོར་ཞོན་ནས་བོད་དོན་ལས་འགུལ་སྤེལ་མཁན་རིན་པོ་ལགས་ཀྱིས་ད་ལོ་སྤྱི་ཟླ་༣་ཚེས་༡༠་ནས་ཡོ་རོབ་བྷེལ་ཇེམ་གྱི་རྒྱལ་ས་བྷེལ་ཛེལ་ནས་འགོ་ཚུགས་ཡོ་རོབ་ཀྱི་རྒྱལ་ཁབ་༡༣་དང་། དེའི་རྗེས་ཉི་ཧོང། ཐེ་ཝན། ཧོང་ཀོང། བལ་ཡུལ། རྒྱ་གར་སོགས་ཡུལ་གྲུ་མང་པོའི་ནང་རྐང་འཁོར་ཞོན་ནས་བོད་དོན་བསྐོར་བསྐྱོད་གནང་བ་དང་། ཁོང་གིས་ཡུལ་གྲུ་དེ་ཚོའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཞུས་ཏེ། བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་གནས་སྟངས་སྙན་སེང་དང་། ངོ་སྤྲོད་གནང་ཡོད།

དེ་བཞིན་ཁོང་གིས་ས་གནས་དེ་ཚོའི་གསར་ཤོག་སོགས་ཀྱི་ནང་བོད་ཀྱི་དཀའ་སྡུག་གནས་སྟངས་ངོི་སྤྲོད་གནང་ཡོད་པ་རེད།

དེའི་རྗེས་རིན་པོ་ལགས་ཀྱིས་བལ་ཡུལ་དང་། རྒྱ་གར་གྱི་གནས་ཆེན་ཁག་དང་། བོད་མིའི་གཞིས་ཆགས་ཁག་ལ་སོགས་པར་རྐང་འཁོར་ཞོན་ནས་བསྐོར་སྐྱོད་གནང་བ་དང་། བོད་ནང་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་མཁན་གྱི་བོད་མི་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་དང་། དེ་བཞིན་མི་མང་ལའང་བོད་དང་འབྲེལ་བའི་གནད་དོན་འགྲེལ་བཤད་གནང་བ་སོགས་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎