མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༥་ཡན་ཆད་ལོན་མཁན་སློབ་ཕྲུག་༢༣་བྱུང་ཡོད་པ།

2021.08.04
མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༥་ཡན་ཆད་ལོན་མཁན་སློབ་ཕྲུག་༢༣་བྱུང་ཡོད་པ། བདེ་སྐྱིད་དབྱངས་འཛོམས་ལགས་དང་བསྟན་འཛིན་དཀོན་མཆོག་བདེ་གསལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ༢༠༢༡ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་གྲུབ་འབྲས་ཉེ་ཆར་གསལ་བསྒྲགས་བྱུང་བའི་ནང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་ནང་བརྒྱ་ཆ་༩༥་ཡན་ཆད་ལོན་མཁན་སློབ་ཕྲུག་༢༣་བྱུང་ཡོད་པ་དང་། འབྱུང་རིག་སྡེ་ཚན་གྱི་སློབ་ཕྲུག་བདེ་སྐྱིད་དབྱངས་འཛོམས་ལགས་སུ་བརྒྱ་ཆ་༩༩ཐོབ་ཡོད་པ་སོགས་སློབ་གྲྭའི་འཛིན་རིམ་༡༢པའི་གྲུབ་འབྲས་ཕུལ་དུ་ཕྱིན་པ་བྱུང་བ་ནི་དགེ་ལས་སློབ་ཕྲུག་དང་འཛིན་སྐྱོང་བཅས་མཉམ་རུབ་ཐོག་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཡིན་པར་སློབ་སྤྱི་དང་སློབ་ཕྲུག་ཚོས་ངོས་འཛིན་གནང་བཞིན་ཡོད་པའི་སྐོར་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎