ཁེ་ན་ཌའི་ནང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ།

2021.06.19
ཁེ་ན་ཌའི་ནང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། ལམ་བར་དུ་ས་གནས་ཡུལ་མི་ཚོས་རྒྱབ་སྐྱོར་དང་བོད་དོན་ལ་དགའ་མོས་ཀྱི་རྣམ་འགྱུར་བསྟན་གྱི་ཡོད་པའི་གནས་ཚུལ།
སངས་རྒྱས་སྐྱབས།

༄༅།།བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་གཟའ་འཁོར་གཅིག་གི་གོང་ལ་བོད་དོན་ཆེད་རྒྱལ་ས་ཨོ་ཊ་ཝ་བར་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་ཀྱིས་ད་ལྟ་གོམ་བགྲོད་གནང་བཞིན་ཡོད་པ་དང་། ལམ་བར་དུ་ས་གནས་ཡུལ་མི་ཚོས་རྒྱབ་སྐྱོར་དང་བོད་དོན་ལ་དགའ་མོས་ཀྱི་རྣམ་འགྱུར་བསྟན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་དོན་གོམ་བགྲོད་པ་དང་རྒྱ་ནག་གཞུང་ཚན་ཡན་ལག་མདུན་ལོ་ངོ་མར་པོར་ལྷག་དཀར་ཉིན་རྔམ་སྟོན་ངོ་རྒོལ་གནང་མཁན་སངས་རྒྱས་སྐྱབས་ལགས་དང་ལྷན་ཁོང་གི་གོམ་བགྲོད་ལས་འགུལ་གྱི་དགོས་འདུན་ཁག་གི་ཐད་ལ་བཀའ་མོལ་དང་། བོད་དོན་ལས་འགུལ་གྱི་གལ་གནད་སྐོར་བཀའ་དྲི་ཞུས་པ་ཞིག་ལ་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎