ཤེས་རིག་དྲུང་ཆེ་མཆོག་ནས་འགོ་ཁྲིད་ཟབ་སྦྱོང་མཇུག་སྒྲིལ་ཐོག་གསུང་བཤད།
2015.01.10

༄༅༎བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་བཞིན་ཟླ་འདིའི་ཕྱི་ཚེས་༩ཉིན་མཇུག་སྒྲིལ་གནང་ཡོད་པ་དང༌། མཇུག་སྒྲིལ་མཛད་སྒོའི་ཐོག་་ཤེས་རིག་སྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་སློབ་ཕྲུག་ཚོར་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།
གོང་གི་ཟབ་སྦྱོང་སྐབས་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་བཅས་ནས་གསུང་བཤད་གནང་ཡོད་པའི་སྐོར། བསོད་ནམས་དབང་འདུས་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས༎
གསར་འགོད་པ་བསོད་ནམས་དབང་འདུས།