རྒྱ་གར་ནང་ཚོང་འབྲེལ་གཅིག་བསྒྱུར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བ།
2017.04.14
༄༅། །ཉེ་ལམ་རྒྱ་གར་དབུས་གཞུང་ནས་རྒྱ་གར་རྒྱལ་ཡོངས་ནང་ཚོང་འབྲེལ་གཅིག་བསྒྱུར་གྱི་ཁྲིམས་ཡིག་གསར་པ་ཞིག་ ཇི་ཨེས་ཊི(GST)ཞེས་གཏན་འབེབས་གནང་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁང་ནས་ཁྲིམས་ཡིིག་གསར་པ་དེའི་སྐོར་འབྲེལ་ཡོད་ཁག་ཅིག་ལ་ཟབ་སྦྱོང་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།