བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་བཀའ་འབྲེལ་འོག་ཉེ་ཆར་རང་ལུས་མེར་སྲེག་གཏོང་མཁན་གཉིས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པ།


2014.03.26
ཕྱི་ཟླ་༣ཚེས་༡༦ཉིན་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་འཇིགས་མེད་བསྟན་འཛིན་ལགས་དང་བློ་བཟང་དཔལ་ལྡན་གཉིས་ཀྱི་ཆེད་བསྡོ་སྨོན་གསོལ་འདེབས་གནང་བའི་གནས་ཚུལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ཟླ་༣ཚེས་༢༦རེས་གཟའ་ལྷག་པའི་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་དེ་རིང་རེས་གཟའ་ལྷག་པ་ཉིན་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག།ཉེ་ཆར་ཕྱི་ཟླ་༣ཚེས་༡༦ཉིན་བོད་དོན་ཆེད་སྐུ་ལུས་མེར་སྲེག་བཏང་གནང་མཁན་འཇིགས་མེད་བསྟན་འཛིན་ལགས་དང་བློ་བཟང་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས།རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་རྗེས་དྲན་ཞུ་སླད་གཞུང་འབྲེལ་སྨོན་ལམ་ཚོགས་གནང་འདུག།

ཡིག་ཐོག་གསར་འགྱུར>>>

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་རེས་གཟའ་ལྷག་པ་ཉིན་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱས་ནས་ཉེ་ཆར་ཕྱི་ཟླ་༣ཚེས་༡༦ཉིན་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་གནང་མཁན་འཇིགས་མེད་བསྟན་འཛིན་ལགས་དང་། བློ་བཟང་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་རྗེས་དྲན་ཞུ་སླད་གཞུང་འབྲེལ་སྨོན་ལམ་ཚོགས་གནང་ཡོད་པ་དང་། ཉིན་དེའི་ཕྱེད་ཡོལ་ཕྱག་ཚོད་༤པ་ནས་ལས་ཁུངས་ཁག་སྒོ་རྒྱབ་པ་དང་། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་འབུལ་བཤམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གཙོས་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་འདུག  
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎