བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་གཞག་གནང་བ།


2017.11.07
བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་གཞག་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གྱིས་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བའི་གནས་ཚུལ།
ཨ་རིའི་སྐུ་ཚབ་དོན་གཅོད་ཁང༌།

༄༅༎གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་དུ་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གྱིས་ཁོང་ནས་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༠༡ ནས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་དང་འབྲེལ་བའི་སྐོར་ལ་ལས་ཐོག་སྐུ་ཚབ་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་ལགས་སུ་འཆི་མེད་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས་གནང་།།
གསར་འགོད་པ་འཆི་མེད་ལྷུན་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎