ཕྱི་དྲིལ་བཀའ་བློན་མཆོག་གིས་རང་ལུས་མེ་སྲེག་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད།


2014.04.04
ཕྱི་དྲིལ་བཀའ་བློན་མཆོག་གིས་རང་ལུས་མེ་སྲེག་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད། བཞུགས་སྒར་དུ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རང་ལུས་མེ་སྲེག་དང་འབྲེལ་བའི་འགྲེམ་སྟོན་ཞིག་དབུ་འབྱེད་གནང་ཡོད་པ།
ཨ་ེཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ལོ་ ༢༠༡༤ ཟླ  ༤ ཚེས་ ༤ཉིན། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། བོད་ནང་བོད་མི་ཚོས་རང་ལུས་མེ་སྲེག་བཏང་དགོས་པའི་དགོས་དོན་དང་མངོན་འདོད། དེ་བཞིན་རང་ལུས་མེ་སྲེག་བཏང་མཁན་རྣམས་ཀྱི་ངོ་སྤྲོད་སོགས་དང་འབྲེལ་བའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

ཡིག་ཐོག་གསར་འགྱུར།>>>

བོད་མིའི་སྒྲིག་འཛུཌ་ཀྱི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཚེས༤ཉིན་བཞུཊ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཕྱི་དྲིལ་འགྲེམས་སྟོན་ཁང་ནང་བོད་ཧིན་ཨིན་གསུམ་གྱི་སྐད་ཡིག་ཐོག་བོད་མིས་རང་ལུས་མེར་བསྲེཊ་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་དགོས་དོན་དང་རང་ལུས་མེར་བསྲེཌ་གནང་མཁན་རྣམས་ཀྱི་མཚན་གཞུང་། ཁོང་རྣམས་ཀྱི་མངོན་འདོད་གང་ཡིན་དང་། ཞལ་ཆེམས་བཞག་གནང་བ་ཁག རང་ལུས་མེར་བསྲེཌ་བཏང་ཡུལ་གྱི་ས་ཁུལ་ཁག དེ་བཞིན་བོད་མིས་རང་ལུས་མེར་བསྲེཌ་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་འཁྱོག་བཤད་་གང་སྤེལ་བཞིན་པ་སོཊ་ཀྱི་སྐོར་པར་རིས་དང་ངོ་སྤྲོད་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུཌ་ངོས་ནས་རང་ལུས་མེར་སྲེག་ལྟ་བུའི་ཚབས་ཆེའི་ལས་འགུལ་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད་པ་རྣམ་པ་ཚོས་མཁྱེན་གསལ་རེད། འོན་ཀྱང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེཌ་བཏང་མཁན་ཁྱོན་མི་གྲངས་༡༢༩་ཆཌ་ཡོད། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་ཐོག་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་གསལ་པོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས་དེ་རིང་འདི་ལྟ་བུའི་འགྲེམས་སྟོན་བྱས་པ་བརྒྱུད་ང་ཚོས་ཕྱི་རྒྱལ་ཡུལ་མི་རྣམས་ནས་འགྲེམས་སྟོན་འདི་གང་མང་གཟིཊ་ཐུབ་ན་བསམ་ནས་གོ་བསྒྲིགས་ཞུས་པ་ཡིན་སྐོར་སོཊ་གསུང་འདུག ཕྱི་འབྲེལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲིས་ཕུན་ཚོཊ་ལཊ་ཀྱིས་འགྲེམས་སྟོན་དེ་བཞིན་འདི་ལོའི་ཕྱི་ཟླ་༢་པའི་ནང་གྷོ་ཧ་ཌིར་བོད་ཀྱི་དུས་སྟོན་སྐབས་འགྲེམས་སྟོན་ཞུས་པ་དང་རིང་མིང་རྒྱ་གར་གྱི་གྲོང་ཁྱེར་Coimbatoreདང་ཀོ་ཅི་སོཌ་ལ་ཡང་འགྲེམས་སྟོན་ཞུ་རྒྱུ་ཡིན་ལུཊ་གསུངས་འདུག

གསར་འགོད་པ་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎