བཙན་བྱོལ་བོད་མིའི་གཞོན་སྐྱེས་མི་རབས་སྐྱེད་སྲིང་བྱེད་ཕྱོགས།
2023.03.18
བཙན་བྱོལ་བོད་མིའི་གཞོན་སྐྱེས་མི་རབས་སྐྱེད་སྲིང་བྱེད་ཕྱོགས་ཐད་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དགེ་ལེགས་པ་སངས་ལགས་དང་། གྷརེམི་བྱ་དགའི་འོས་མི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས། ཁེ་ན་ཌ་ནང་གནས་བཞུགས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་ཀྱི་ལས་དོན་མང་པོར་མཉམ་ཞུགས་གནང་མཁན་འོད་ཟེར་ལགས་བཅས་དང་ལྷན་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ཁེ་ན་ཌ་ཁུལ་དུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ཆེད་དཔལ་འབྱོར་འདུ་འགོད་ཀྱི་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་གྱི་ལས་རིམ་ཞིག་གནང་པའི་དུས་སྐབས་དང་བསྟུན་ནས། གནད་དོན་གླེང་མོལ་གྱི་ལས་རིམ་ཆེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།