ནང་སྲིད་བཀའ་བློན་མཆོག་གིས་ཧི་མ་ཅལ་གྱི་ཁྱབ་དྲུང་ཆེ་དང་མཇལ་འཕྲད་གནང་ཡོད་པ།
2017.09.08

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་ཧི་མ་ཅལ་མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་མཇལ་འཕྲད་ཀྱིས་མངའ་ཁུངས་བོད་མིའི་གཞིས་ཆགས་ཁག་ ༡༤ ས་གནས་སོ་སོའི་དཀའ་ངལ་ཁག་སྙན་གསན་ཞུས་པར་ཁོང་གིས་དཀའ་སེལ་ལག་བསྟར་གང་མགྱོགས་ཡོང་སླད་ས་གནས་རྫོང་དཔོན་སོ་སོར་བཀོད་མངགས་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།