༧དཔལ་ས་སྐྱ་ཁྲི་འཛིན་མཆོག་ནས་ངལ་སེལ་ཆེད་འབུམ་ཉི་ཤུ་རྩ་གསུམ་ཞལ་འདེབས་གནང་བ།


2020.04.09
༧དཔལ་ས་སྐྱ་ཁྲི་འཛིན་མཆོག་ནས་ངལ་སེལ་ཆེད་འབུམ་ཉི་ཤུ་རྩ་གསུམ་ཞལ་འདེབས་གནང་བ། ༧དཔལ་ས་སྐྱའི་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཨུཏིར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མདུན་ཆེད་བཅར་གྱིས་མངའ་སྡེའི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ཉི་ཤུ་རྩ་གསུམ་ཞལ་འདེབས་གནང་འདུག
བློ་བཟང་།

སྤྱི་ལོ་༢༠༢༠ ཟླ་༤ ཚེས་༨ ཉིན་དཔལ་ས་སྐྱའི་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་གདུང་སྲས་ཛྙ་ན་བཛྲ་རིན་པོ་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་དགོན་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་ཁག་ཅིག་ཨུཏིར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Trivendra Singh Rawat) མཆོག་གི་མདུན་དུ་ཆེད་བཅར་གྱིས་གོང་མ་ཁྲི་འཛིན་ཆེན་རིན་པོ་ཆེ་མཆོག་གི་དགོངས་གཞི་བཞིན་ཕོ་བྲང་གིས་གཙོས་དགོན་པ་ཁག་དང་འབྲེལ་ཡོད་ཚོགས་པ་ཐུན་མོང་གིས་ངོས་ནས་ཨུཏིར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ངལ་སེལ་ཐེབས་རྩ་ལ་ཧིན་སྒོར་འབུམ་ཉི་ཤུ་རྩ་གསུམ་གྱི་རོགས་དངུལ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།།

གསར་འགོད་པ་བློ་བཟང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎