གསུམ་བཅུའི་དུས་དྲན་དང་བོད་པའི་མི་རབས་གསར་པར།
2019.03.13

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་འདི་ལོ་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཐོན་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དམིགས་བསལ་དུས་ཚིགས་ཤིག་ཡིན་པས། འཛམ་གླིང་ས་ཕྱོགས་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་དང་བོད་པའི་མི་རབས་ལ་འགྱུར་བ་ཕྱིན་ཡོད་རུང་བོད་མིའི་བདེན་དོན་རྩོད་མཁན་མུ་མཐུད་གནས་ཡོད་པའི་རྣམ་པ་ཐོན་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་སྒྲོལ་དཀར།