དོན་གྲུབ་དབང་ཆེན་གྱི་མྱངས་ཚུལ།
2018.06.20

༄༅།།ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ནང་དུ། རྒྱ་ནག་གཞུང་གིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་སྒྲིག་བྱས་པར་བསྙད་ཏེ་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་པ་ཞིག་བཏང་རྗེས། ལོ་དྲུག་གི་བཙོན་འཇུག་ཁྲིམས་བཅད་པ་དང་། བཙོན་ཐག་ལོང་ནས་གློད་བཀྲོལ་བཏང་ཡང་རང་དབང་སྤུ་ཙམ་ཡང་མེད་པར་ལྟ་རྟོག་ནན་མོའི་འོག་འདུག་དགོས་བྱུང་སྟབས། སྡོད་ཐབས་བྲལ་ནས་ཕྱི་རོལ་རང་དབང་ཡུལ་གྲུར་འབྲོ་ཐབས་བྱས་པ་ལ་སོགས་པའི་སྐོར་ད་ལྟ་ཨ་རི་ན་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་སྟག་ལྷ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ་སྟག་ལྷ་རྒྱལ།