བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་སྐབས་༨།
2014.08.04

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་། བཟོད་པ་རྒྱ་མཚོ།
༄༅༎ཕྱི་ཟླ་༨ཚེས་༣རེས་གཟའ་ཉི་མའི་ཉིན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འཐུས་མི་རྣམས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་འགན་བཞེས་དམ་འབུལ་ཞུས་ཡོད་པ་དང༌།ས་གནས་འགོ་འཛིན་གྱི་སྟངས་འཛིན་འོག་ཚོགས་གཙོ་འོས་འདེམས་བྱུང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎