འགུལ་རིས་བརྙན་ཐུང་བརྒྱུད་བོད་ཀྱི་སྐད་ཡིག་དར་སྤེལ།
2024.06.03
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས། བོད་པའི་ལོ་ཆུང་བྱིས་པ་ཚོར་གཙོ་བོར་དམིགས་ཏེ། བྱིས་པ་ཚོས་ཆེས་དགའ་མོས་བྱེད་པའི་སྒྲུང་གཏམ་ཁག་འགུལ་རིས་བརྙན་ཐུང་ནང་འགྲེམས་སྤེལ་བྱས་ཡོད་པ་བཞིན། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྲོལ་རྒྱུན་བཅས་འགུལ་རྙན་བརྒྱུད་དར་སྤེལ་གཏོང་བའི་སྐོར་དང་འབྲེལ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།