བོད་མིའི་སྐུ་ཚབ་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་འདུར་མཉམ་ཞུགས།
2022.07.08

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱེད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་བློ་ཆོས་བསམ་གཏན་ལགས་རྣམ་གཉིས་ནས་དབྱིན་ཇིའི་གཞུང་གི་ཕྱི་འབྲེལ་དང་དབྱིན་ཇིའི་མཐུན་ཕྱོགས་རྒྱལ་ཁབ་ཐུན་མོང་དང་འཛུགས་སྐྲུན་ལྷན་ཁང་གིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནད་དོན་སྐོར་ཉིན་གཉིས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་ཡོད་འདུག།
གསར་འགོད་པ། བསྟན་འཛིན་ནོར་བུ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།