རྒྱ་ནག་ལ་གོ་བརྡ་གཅིག་མཚུངས་སྤྲོད་ཐུབ་ན་དགེ་མཚན་ཆེ།


2013.12.12
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མི་ཚོར་གཏམ་བཤད་གནང་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

བོད་རྒྱ་ཞི་མོལ་གྱི་ཆེད་བོད་མི་རྣམས་ནས་རྒྱ་ནག་ལ་གོ་བརྡ་གཅིག་མཚུངས་སྤྲོད་ཐུབ་ན་དགེ་མཚན་ཡོད་པ་སྤྱི་འཐུས་ཚོགས་གཙོས་གསུངས་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་འབྱོར་བྱུང་བ་དང་བསྟུན། ཕྱི་ཚེས་༡༡ཉིན་གྱི་ཕྱི་དྲོ་ས་གནས་བོད་རིགས་མི་མང་ལ་གསུང་བཤད་དང་འབྲེལ། དྲི་བར་ལན་འདེབས་གནང་ཡོད་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐབས་དེར། བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་སྟངས་ལ་གཞིགས་ནས་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་དང་འབྲེལ། ཕྱི་རྒྱལ་གྱི་ཡུལ་གྲུ་འདྲ་མིན་ནང་ཡོད་པའི་བོད་རིགས་རྣམས་དང་ཕུགས་རྒྱང་རིང་པོའི་འབྲེལ་མཐུད་འཇོག་ཐབས་ཀྱི་ཆེད་དུ་ལས་རིམ་འགྲོ་བཞིན་ཡོད་པ་དེའི་ཐད་བཀའ་ཤག་གི་བརྒྱུད་ནས་བོད་རིགས་ཚོགས་པ་ཡོངས་དང་ལྷན་དུ་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་གནང་རྒྱུ་ཡིན་སྐོར་གསུངས་བ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ད་རེས་ཨ་རིའི་ནང་གི་ཉིན་གྲངས་བཅུ་ཙམ་གྱི་ལས་རིམ་དེའི་ནང་ཨ་རིའི་ས་གནས་ཁག་བདུན་ཙམ་གྱི་ནང་ཕེབས་ཀྱི་ཡོད་སྟབས། གྲོས་ཚོགས་འཐུས་མིས་མཚོན་པའི་ས་གནས་གཞུང་གི་དཔོན་རིགས་དང་མཇལ་མོལ་གནང་རྒྱུའི་དགོངས་པ་ཡོད་མེད་ཀྱི་ཐད།   ས་གནས་སོ་སོའི་ནང་གི་བོད་རིགས་ཚོགས་པས་ཆེད་མངགས་གོ་བསྒྲིཌ་གནང་བའི་ལས་རིམ་འོག་མཇལ་མོལ་གནང་རྒྱུ་ལས།  དམིགས་སུ་ཀར་ནས་གཞུང་འབྲེལ་དཔོན་རིགས་དང་མཇལ་མོལ་གྱི་ལས་རིམ་མེད་སྐོར་གསུངས་གནང་བ་དང་། ཡང་བོད་རྒྱའི་གནས་སྟངས་ཀྱི་ཐོག་ལ་རིང་མིན་ཟླ་བ་དྲུག་ནས་ལོ་གཅིག་གི་ནང་ཚུད་འགྱུར་བ་ཞིག་འགྲོ་རྒྱུའི་ཐད་གནད་ཡོད་མི་སྣ་ཁག་ཅིག་གིས་ཚོད་དཔག་གནང་གི་སྐོར་གསུངས་གནང་ཞིང་།་ འོན་ཀྱང་རྒྱ་ནག་གཞུང་འཛིན་གྱི་ནང་མཁྲེཌ་འཛིན་དང་། གུ་ཡངས་ཀྱི་ལྟ་བ་འཛིན་མཁན་གཉིས་ཡོད་པ་ལས།་མཁྲེགས་འཛིན་གྱི་ལྟ་བ་འཛིན་མཁན་དེ་ཤུགས་ཆེ་བ་ཡོད་པ་དེ་ལྟར་ཡང་། འགྱུར་བ་ཞིག་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད་སྐོར་གསུངས་པ་ལས་ཞིབ་ཕྲའི་འགྲེལ་བརྗོད་གནང་མེད་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་དུང་། རྒྱ་ནག་གི་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲོད་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་དགོས་འདུན་བཏོན་གྱི་མེད་ཀྱང་། བོད་རྒྱ་ཞི་མོལ་གྱི་ཆེད་དུ་བོད་མི་རྣམས་ནས་རྒྱ་ནག་ལ་གོ་བརྡ་གཅིག་མཚུངས་སྤྲོད་ཐུབ་ན་དགེ་མཚན་ཡོད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎