སྤྲུལ་སྐུའི་སྐོར་གསལ་བཤད་དགོས་པའི་ལས་འགུལ།
2015.09.17

འོད་ཟེར།
༄༅། །ཐེངས་འདིའི་ང་ཚོའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་འདིའི་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་གདན་ཞུ་དང་གོ་སྒྲིག་འོག་རྒྱའི་བཙོན་ཁང་དུ་སྐུ་གཤེགས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་བོ་རྣམ་རྒྱལ་གྲྭ་ཚང་གི་མཚན་ཉིད་དགེ་རྒན་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དགོངས་པ་རྫོགས་ནས་༤༩་ལ་སྟབས་བསྟུན་ནས་ཉེ་དུས་ཨ་རིའི་ནང་གནས་ཚུལ་ཁག་གསལ་བཤད་ཆེད་དུ་ཆེད་ཕེབས་གནང་ཡོད་པར་བརྟེན། དེའི་སྐོར་ལ་དགེ་བཤེས་ཉི་མ་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་གཉིས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་བློ་བཟང་ཆོས་འཕེལ།