ཆུང་བདག་ཀོ་རིན་གྱི་ཚབ་ལ་དབང་པོ་བཀྲས་མཐོང་ཡིན་འདུག
2014.03.20
བོད་མི་མང་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་སྤྱི་འཐུས་ནས་རྩ་དགོངས་ཞུས་བའི་ཚབ་ལ་དབང་བོ་བཀྲས་མཐོང་ལགས་གཏན་འཁེལ་བྱུང་འདུག
དེ་ཡང་བོད་མི་མང་ཡོ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་སྐུ་གཟུགས་བདེ་མིན་གྱི་དབང་གིས་སྤྱི་འཐུས་ནས་རྩ་དགོངས་ཆེད་ཚོགས་གཙོ་མཆོག་གི་མཚན་ཐོག་ལ་ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༧་ཉིན་སྙན་ཞུ་འབུལ་ལམ་ཞུས་གནང་ཡོད་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་༥༦་ནང་གསེས་༢་པའི་དགོངས་དོན་ལྟར་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༨་ཉིན་ཡིག་ཆུང་ཕུལ་བར་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༩་ཉིན་ཡོ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བཀྲས་མཐོང་དབང་པོ་ལགས་ལ་གོང་གསལ་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྐབས་༡༥་པའི་སྤྱི་འཐུས་སུ་ངེས་པར་འཚམས་འདྲི་དང་སྦྲགས་ལས་འཁུར་དམ་འབུལ་ཞུ་བར་རྡ་རམ་ས་ལར་ངོ་བཅར་དགོས་པའི་དུས་ཚེས་ཐད་སྤྱི་འཐུས་ཚོགས་དྲུང་ལྷན་ཁང་ནས་འབྲེལ་ལམ་ཡོང་རྒྱུ་ཞེས་བརྡ་བཏང་ཡོད་པ་རེད་འདུག
གསར་འགོད་པ་དབྱངས་སྒྲོལ།