རྒྱལ་ཚོགས་ལ་འགན་འཁྲི་ཡོད་པ་ནན་བརྗོད།


2013.11.13
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་ཚོགས་རའི་རྣམ་པ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་
པར། AFP

རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་དོན་དམ་གྱི་བརྩི་བཀུར་ཞུ་རུ་འཇུག་རྒྱུའི་འགན་འཁྲིི་ཡོད་སྐོར་རྒྱལ་ཚོགས་ལ་ནན་བརྗོད་གནང་འདུག

དེ་ཡང་རྒྱ་ནག་དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་ནང་འོས་འདེམས་བྱུང་བའི་རྗེས། ཚོགས་ཞུགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་ལ་དོ་ཁུར་བཞེས་དགོས་པ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁྲིམས་ཡིག་ཁག་ལ་རྒྱ་ནག་གཞུང་གིས་འགན་འཁྲི་ལྡན་པའི་ཐོག་ནས་བརྩི་བཀུར་དང་ལེན་ཞུ་རུ་འཇུག་དགོས་པའི་སྐོར་ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་ནན་བརྗོད་གནང་ཡོད་པ་དང་།

ཚེས་༡༢ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་ལྟར་ན།   རྒྱ་ནག་གཞུང་ནས་ ༢༠༠༩-༡༠ལོའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཞེས་པའི་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆར་ངོས་ལེན་བྱ་རྒྱུ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་རིམ་པ་བྱས་ཡོད་ཀྱང་། དོན་དངོས་སུ་ལག་ལེན་བསྟར་མེད་པ་མ་ཟད།  བོད་ནང་ཆབ་སྲིད་དང་དཔལ་འབྱོར་ རིག་གཞུང་གང་ཐད་ནས་ དམ་བསྒྲཌ་སྔར་ལྷག་བྱེད་བཞིན་པའི་གནས་ལུགས་ལུང་འདྲེན་གནང་འདུག དེ་བཞིན་ཉེ་ཆར་གོ་ལོག་པདྨ་རྗོང་དུ་དགུང་ལོ་༢༠ཡིན་པའི་གྲ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ད་བར་བོད་མི་གྲངས་ ༡༢༢ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་འདིས་བོད་ནང་གི་གནས་སྟངས་ངོ་མ་ཇི་ཡིན་འཛམ་གླིང་ཁྱོན་ཡོངས་ལ་བརྡ་སྤྲོད་གསལ་པོ་ཡིན་པར་གསལ་འདོན་གནང་པ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་མུ་མཐུད་གཏོང་བཞིན་པའི་གནས་སྟངས་ལ་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་བློ་འཚབ་ཆེན་པོ་གཟིགས་ཀྱི་ཡོད་པ་ནན་སྐུལ་གནང་འདུག   གོང་གསལ་བོད་ནང་གི་གནས་སྟངས་དེ་དག་རྐྱེན་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་གི་ཚོགས་ཞུགས་རྒྱུན་ལས་རྒྱལ་ཁབ་ཚོས་ རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་ དོན་དམ་གྱི་བརྩི་བཀུར་ཞུ་རུ་བཅུག་རྒྱུའི་འགན་འཁྲིི་ཡོད་པའི་སྐོར་ནན་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎