རྒྱལ་སྤྱིའི་ལྷན་ཚོགས་སུ་བོད་མི་མཉམ་ཞུགས་གནང་བ།


2013.11.13
གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་མི་མཉམ་ཞུགས་གནང་མཁན། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས
པར། བོད་མིའི་སྒྲིག་འཛུགས།

གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་COP19ཞེས་བའི་ཐོག་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་མཉམ་ཞུགས་གནང་འདུག

དེ་ཡང་གནས་ཚུལ་ལྟར་ན། Polandརྒྱལ་ས་Warsawརུ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་COP19ཞེས་བ་ཚོགས་བཞིན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་འཇིགས་མེད་ནོར་བུ་ལགས་དང་། འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གཉིས་མཉམ་ཞུགས་གནང་ཡོད་པ་རེད།

ཐེངས་འདིའི་ལྷན་ཚོཌ་སྐབས་བོད་མིའི་སྒྲིག་འཛུཌ་ཀྱི་སྐུ་ཚབ་གཉིས་ཀྱིས་རྒྱ་ནག་གཞུང་གིས་མཐོ་སྒང་བོད་ཀྱི་འབྲོག་པ་རྣམས་འབྲོག་ས་ནས་ཕྱིར་ཕུད་གཏོང་བཞིན་པའི་སྲིད་ཇུས་དང་། རྩྭ་ཐང་མེད་པ་བཟོ་བཞིན་པའི་སྐོར། བོད་ནང་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ།  རྒྱལ་སྤྱིའི་ནང་བོད་ཀྱི་རྒྱུག་ཆུ་དེ་ཚོ་གལ་ཆེན་པོ་ཇི་ཙམ་ཡིན་མིན།  དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་ཁོར་ཡུག་ལ་ཛ་དྲག་གི་གནོད་སྐྱོན་ཐེབས་བཞིན་ཡོད་སྐོར་སོགས་གསལ་བཏོན་གནང་འདུག

ལྷན་ཚོགས་དེ་བཞིན་ཟླ་བ་འདིའི་ཚེས་ ༡༡ ནས་ ༢༢བར་འཚོགས་གནང་བཞིན་པ་དང་། པོ་ལེན་ཌིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བློན་ཆེན་སྐུ་ཞབས་ Marcin Korolecལྷན་ཚོགས་ཀྱི་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་ཡོད་པ་དང༌། ཁོང་གིས་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་གཏམ་བཤད་གནང་སྐབས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་གདོང་ལེན་བྱེད་དགོས་སྐོར་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎