ཧི་མ་ལ་ཡའི་སྒྱུ་རྩལ་ཁྲོད་བོད་ཀྱི་རིག་གཞུང་།


2013.11.25
ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་དབུ་འབྱེད་གནང་བཞིན་པ། ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན
པར། བོད་མིའི་སྒྲིག་འཛུགས།

སིམ་ལར་ཚོགས་པའི་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་ཐོག་མཛེས་སྡུག་ལྡན་པའི་བོད་ཀྱི་རིག་གཞུང་འགྲེམས་སྟོན་གནང་འདུག

དེ་ཡང་ཕྱི་ཟླ་༡༡་ཚེས་༢༣ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་སིམ་ལའི་ནང་ཧི་མ་ལ་ཡའི་སྒྱུ་རྩལ་དུས་སྟོན་ཐོག་བོད་ཀྱི་རིག་གཞུང་འགྲེམ་སྟོན་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཏེ་གསུང་བཤད་གནང་ཡོད་པ་རེད།

དུས་སྟོན་དེ་ནི་ཧི་མ་ཅལ་མངའ་སྡེ་གཞུང་དང་། ཡུལ་སྐོར་སྤྲོ་འཆམ་ཚན་པ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་དང་། རྒྱུ་ཚན་ནི་ཧི་མ་ཅལ་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་དང་བོད་པ་ཕན་ཚུན་འབྲེལ་བ་སྔར་ལས་ཡག་ཏུ་གཏོང་བའི་རིག་གཞུང་སྤེལ་རེས་གནང་རྒྱུའི་ཆེད་དུ་ཡིན་པ་རེད། དུས་སྟོན་དུ་ཕེབས་པའི་མང་ཚོགས་ལ་སྲིད་སྐྱོང་མཆོག་གིས། ཧི་མ་ཅལ་ས་གནས་གཞུང་དང་ཡུལ་མི་ཚོས་ད་བར་ཏུ་བོད་མིར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཁོང་གི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ལྡན་པའི་འབྲེལ་ལམ་དེའི་ཐོག་ནས་བོད་མི་ཚོར་དགོས་པའི་རོགས་རམ་དུས་རྟག་ཏུ་གནང་བཞིན་ཡོད་པར་བཀའ་དྲིན་ཆེན་པོ་ཡིན། ད་རེས་ཧི་མ་ཅལ་མངའ་སྡེ་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཐུན་མོང་ཐོག་ཧི་མ་ལ་ཡའི་དུས་སྟོན་འདི་གོ་སྒྲིག་ཐུབ་པར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་མཛད་གནང་རྒྱུ་སོགས་ཀྱི་གསུང་བཤད་གནང་བའི་རྗེས། མངའ་སྡེའི་བློན་ཆེན་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་ཐེངས་འདིའི་ཧི་མ་ལ་ཡའི་ཁུལ་གྱི་རིག་གཞུང་དང་། དངོས་རྫས་འདྲ་མིན་ལྷག་པར་དུ་ ཐོུང་མ་ཡིན་པའི་གསོ་བ་རིག་པ་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་གི་འགྲེམས་སྟོན་ནང་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་ནང་གི་གནས་སྟངས་ངོ་སྤྲོད་དང་། དེ་བཞིན་བོད་ཀྱི་ཟློས་སྒར་ཚོགས་པ་དང།  འབྲུག་ཡུལ། ལ་དྭགས། འབྲས་ལྗོངས། ཁུ་ནུ། བལ་ཡུལ་སོགས་ནས་འཁྲབ་སྟོན་ཡང་གནང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎