རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་ཡོ་རོབ་སྤྱི་མཐུན་ཚོགས་པའི་བསྟི་གནས་ Belgium (སྦེལ་ཇིཡམ་) གྱི་རྒྱལ་ས་ Brussels (སྦརཱ་སེལསི་) ནང་ ༢༠༢༤ ཟླ་ ༢ ཚེས་ ༢༣ ནས་ཚེས་ ༢༥ བར་ཚོགས་ཡོད་ཅིང་། རྒྱལ་ཁབ་ ༤༠ ལྷག་ནས་ཚོགས་བཅར་བ་ ༡༧༠ བརྒལ་བ་འདུ་འཛོམས་གནང་ཡོད་པ་རེད།

ཚོགས་འདུ་འདིའི་ཐོག་ནས་མ་འོངས་ལས་དོན་བྱེད་རྒྱུའི་གནད་དོན་ཆེ་ཁག་དོན་ཚན་ ༧ གཏན་འབེབས་གནང་ཡོད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་བཅར་བ་ཉི་འོང་སྐུ་ཚབ་དོན་གཅོད་ (འབུམ་རམས་པ་) ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་གཉིས་དང་ལྷན་འདི་གའི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ཚོགས་འདུ་གྲུབ་དོན་དང་། ལྷག་པར་མ་འོངས་རྒྱལ་སྤྱི་དང་ལྷག་པར་ཤར་ཨེ་ཤེ་ཡ། དེའི་ནང་ནས་ཐེ་ཝན་བཅས་སུ་ལས་དོན་གནང་འཆར་ཐད་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག