ཨ་རུ་ན་ཅལ་ནས་བོད་མི་༩༦༩ ཁེ་ན་ཌའི་ནང་འབྱོར་ཟིན་པ།
2018.10.04

སྐབས་དོན་གླེང་མོལ་གྱི་ལེ་ཚན་ནང་། རྒྱ་གར་ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཙམ་ཁེ་ན་ཌར་གཞིས་སྤོའི་ལས་གཞིའི་ནང་ད་ལྟའི་ཆར་བོད་མི་༩༦༩་ཁེ་ན་ཌར་འབྱོར་ཟིན་པ་དང་། མི་ཚང་གཅིག་གི་ནང་མི་ཞིག་ལ་སྨན་བཅོས་བྱེད་བཞིན་ཡིན་སྟབས་དྲག་མ་ཐག་ནང་མི་དེའི་མི་བཞི་ཙམ་ཁེ་ན་ཌར་འབྱོར་རྒྱུ་ཡོད་པ་ལས་གཞན་ལྷག་མེད་པའི་སྐོར་ཆོས་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཐོག་ཕྱོགས་སྒྲིག་བྱས་པར་གསན་རོགས་ཞུ།།
གསར་འགོད་པ་ཆོས་སྐྱིད།