༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་མཁན་རིགས་བྱུང་སྐབས་གདོང་ལེན་གནང་དགོས་པའི་གྲོས་ཆེད།

༢༠༢༢ ཕྱི་ཟླ་ ༡ པོའི་ནང་ཨོས་ཊེ་ལི་ཡ་ས་གནས་ནོར་ར རུ་རྒྱལ་ཡོངས་བོད་མིའི་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༦ པ་ཚོགས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་དང་། བོད་དོན་ཞུ་གཏུགས་གི་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་ཐད་སྤྱི་མོས་ཀྱི་གྲོས་ཆོད་གཏན་འབེབས་གནང་པ་དང་མཉམ། རྒྱལ་ཡོངས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་རྙིང་གཉིས་ཀས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་མཁན་རིགས་བྱུང་སྐབས། ཡུལ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་གདོང་ལེན་གང་འོས་གནང་རྒྱུ་ཡིན་པ་གསུངས་ཀྱི་འདུག གཤམ་ལ་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨའོས་ཊེ་ལི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཟུར་པ་སྐལ་བཟང་ཡོན་ཏན་ལགས་དང་། ཚོགས་གཙོ་གསར་པ་སྐལ་བཟང་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག