ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་མིའི་རང་དབང་སྒེར་ལངས་ལ་གདུང་སེམས་མཉམ་སྐྱེས་གནང་།

2023.03.09
ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་མིའི་རང་དབང་སྒེར་ལངས་ལ་གདུང་སེམས་མཉམ་སྐྱེས་གནང་། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་(Janet Rice)་ལགས།
fb/Senator Janet Rice

དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༨ཉིན་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་གོང་མའི་ནང་། གྲོས་ཚོགས་འཐུས་མི་ལྕམ་(Janet Rice)་མཆོག་གིས་གཏམ་བཤད་གནང་སྐབས། བོད་མི་ཚོས་ཟླ་གསུམ་པའི་ཚེས་༡༠ཉིན་འདི་བཞིན་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ། ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོས་ཞི་བའི་ལས་འགུལ་སྤེལ་བའི་སྐབས་འཛིན་བཟུང་དང་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱས་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག ཨོསི་ཊརེ་ལི་ཡའི་ངོས་ནས་རྒྱ་ནག་ལ་ལངས་ཕྱོགས་གསལ་བོ་བཟུང་ནས། ང་ཚོས་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མའི་༧སྐུའི་ཡང་སྲིད་དེ་བཞིན་བོད་མི་ཚོས་ངོས་འཛིན་ཞུས་པ་དེར་མ་གཏོགས་གཞན་ལ་ངོས་ལེན་ཞུ་རྒྱུ་མིན་པ་སྐྱར་ནན་གནང་འདུག
ད་དུང་ཁོང་གིས་མུ་མཐུད་དུ། ངས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ཡང་ཨོསི་ཊརེ་ལི་ཡའི་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ཆེད་ཚད་མཐོ་པོའི་ཐོག་ནས་རྒྱབ་སྐྱོར་དང་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་ཁོང་གིས་པཎ་ཆེན་རིན་པོ་ཆེ་གར་ཡོད་ཙམ་ཡང་ཤེས་རྟོགས་མེད་པའི་གནས་སྟངས་སོགས་ལུང་འདྲེན་གནང་ཏེ་ཁོང་གི་ངོས་ནས་གསུམ་བཅུ་དུས་དྲན་གྱི་ཉིན་མོར་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་ཡོད་པ་བསྐྱར་ནན་གནང་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎