བོད་དོན་བདེན་པའི་འཐབ་རྩོད་རྒྱུན་གནས་དང་ཤུགས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་གསུངས་སོང་།
2021.09.11
སྤྱི་ལོ་༢༠༢༡ ཟླ་༩ ཚེས་༡༠ ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་ཞུས་ཏེ་ལོ་ངོ་༣༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ནས་འཛམ་གླིང་རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོ་བོད་པའི་བུད་མེད་ཚོ་ལ་ཆབ་སྲིད་ཀྱི་འགན་འཁྲི་ཐོལ་པ་ཞིག་ཡོད་པར་བརྟེན། བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་བོད་དོན་བདེན་པའི་འཐབ་རྩོན་མུ་མཐུད་སྤེལ་རྒྱུ་ཙམ་དུ་མ་ཟད། མ་འོངས་པར་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་སོང་། འདི་གའི་སྐོར་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་ལ་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།