༢༠༡༤ལོའི་གངས་སེང་གསར་འགོད་པའི་བྱ་དགའ།
2014.10.20

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌།
༄༅༎ཕྱི་ཟླ་༡༠ཚེས་༡༨རེས་གཟའ་སྤེན་པའི་ཉིན་འཇར་མེ་ནིའི་རྒྱལ་ས་སྦེར་ལིན་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གངས་སེང་གསར་འགོད་པའི་བྱ་དགའ་ཐེངས་བཞི་པ་དེ་རྒྱ་རིགས་དངོས་འབྱུང་གློག་བརྙན་བཟོ་མཁན་ཤི་མིན་དང་འཇར་མེན་ཐོ་མས་ཝའི་དེན་སྦཁ་གཉིས་ལ་ཕུལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎གསར་འགོད་པ་ཚེ་དབང་ནོར་བུ།