ཐེ་ཝན་གྱི་རྒྱལ་སར་བོད་དོན་རྔམ་སྟོན་སྐད་འབོད།


2014.03.11
གསུམ་བཅུའི་དུས་དྲན་སྐབས་ཝེ་ཝན་ལ་བོད་དོན་རྔམ་སྟོན་སྐད་འབོད་གནང་བཞིན་པ། ༢༠༡༤།༣།༩ གསུམ་བཅུའི་དུས་དྲན་སྐབས་ཝེ་ཝན་ལ་བོད་དོན་རྔམ་སྟོན་སྐད་འབོད་གནང་བཞིན་པ། ༢༠༡༤།༣།༩
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་བོད་རིགས་ཚོགས་པ་གཙོས་ཚོགས་སྡེ་བཅུས་མཉམ་དུ་བོད་དོན་རྔམ་སྟོན་སྐད་འབོད་གནང་འདུག
དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་སྲུང་བརྩི་གནང་བཞིན་པ་ལྟར། ཚེས་༩ཉིན་ཐེ་ཝན་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་བཅུ་བཅས་མཉམ་ཞུགས་ཀྱིས་རྒྱལ་ས་Taipeiཡི་ཁྲོམ་གཞུང་ཐོག་བོད་དོན་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད། ཉིན་དེར་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཇན་ཡུས་ཨན་ཡང་དུས་རྒྱུན་ལྟར་མཉམ་ཞུགས་གནང་བ་དང། ད་རེས་ཀྱི་ཁྲོམ་སྐོར་དེའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་སྟེ། ཁྲོམ་སྐོར་གྱི་རུ་སྒྲིག་ཐོག་མར་༧གོང་ས་མཆོག་གི་སྐུ་པར་དང། གསུམ་བཅུའི་དུས་དྲན་གྱི་འཕྲེད་དར། གཉིས་པར་སྲིད་སྐྱོང་མཆོག་གི་སྐུ་པར། སྣུམ་འཁོར་ཆེ་བའི་གཡས་གཡོན་དུ་བོད་ཀྱི་ཆབ་སྲིད་བཙོན་པའི་འདྲ་པར། སྣུམ་འཁོར་ཆུང་བའི་སྟེང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་མཚོན་པའི་ཡི་གེ་བྲིས་པའི་རས་དར་བསྐྱལ་བ། ད་དུང་བོད་ནང་རང་ལུས་མེ་བསྲེགས་བཏང་མཁན་འདས་སོན་ཡོངས་ཀྱི་འདྲ་རིགས་བྲིས་པའི་འཕྲེད་དར་རིང་པོ་ཞིག་འཁྱེར་ཞིང་། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས་པའི་འབོད་ཚིག་སྒྲོག་པ་དང། ཐེ་ཝན་དུ་གྲགས་ཅན་གཞས་པ་ན་གཞོན་གསུམ་གྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་དང་རོལ་དབྱངས་བཏང་ཡོད་པ་རེད།
དེ་བཞིན་Franceནང་དུའང་གསུམ་ཅུའི་དུས་དྲན་ཉིན་མོར་France གྲོས་ཚོགས་ཀྱི་གོང་མའི་འཐུས་མི་དང་། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་སྐུ་ཞབས་Andre Gattoinདབུས་པའི་France ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་འདུ་འཛོམས་ཀྱིས་བོད་ལ་རང་དབང་དང་འགྲོ་མིའི་ཐོབ་ཐང་དགོས་པ། བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་བོད་རྒྱ་ཞི་མོལ་བྱ་དགོས་པའི་སོགས་ཀྱི་འབོད་ཚིག་སྒྲོག་ཡོད་པ་རེད། མ་ཟད་ད་ལོའི་གསུམ་བཅུའི་དུས་དྲན་དེའི་སྐབས་France ཡི་གྲོང་སྡེ་ལྷན་ཁང་དང་གྲོང་སྡེ་ཁག་༦༠༠ལྷག་གི་ཡང་སྟེང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་ཀྱང་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

གཤམ་གྱི་དྲ་ཐག་ནས་རྔམ་སྟོན་སྐབས་ཀྱི་བརྙན་རིས་ལ་གཟིགས་རོགས

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎