ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བའི་དུས་དྲན།
2018.08.08
ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་༢༠༠༨ལོའི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བའི་དུས་དྲན་ཤིག་ཕྱི་ཟླ་༨པའི་༤ཉིན་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་དུ་སྐོང་འཚོགས་གནང་ཡོད་པ་དང་། ཕྱི་ལོ་༢༠༠༨ལོར་བོད་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱུང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཅི་འདྲ་ཆགས་ཡོད་མེད་ཀྱི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་རྡོར་ལགས་རྣམ་པ་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་གནང་ཞིག་གསན་རོགས་གནང་།