ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་གྲོང་ཁྱེར་ནས་རྒྱལ་ས་ཝ་ཤིན་ཊོན་བར་གྱི་གོམ་བགྲོད་མཇུག་སྒྲིལ་གནང་ཡོད་པ།

2021.06.02
ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་གྲོང་ཁྱེར་ནས་རྒྱལ་ས་ཝ་ཤིན་ཊོན་བར་གྱི་གོམ་བགྲོད་མཇུག་སྒྲིལ་གནང་ཡོད་པ། བོད་དུ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་དགོས་ཞེས་པའི་གོམ་བགྲོད་མཇུག་སྒྲིལ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ལོ་ན་༦༨ལོན་པའི་པོ་ལགས་ཤིག་དང་བུད་མེད་གཅིག་གཙོས་པའི་བོད་དོན་ལས་འགུལ་སྤེལ་མཁན་བོད་མི་ཁག་ཅིག་གིས། ཕྱི་ཟླ་༥ཚེས་༢༣ཉིན་ནས་འགོ་འཛུགས་གནང་ནས་བོད་དུ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་དགོས་ཞེས། ཨ་རིའི་Philadelphiaགྲོང་ཁྱེར་ནང་ཡོད་པའི་རང་བཙན་ཚོགས་ཁང་ནས་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་མདུན་བར་ཉིན་གྲངས་བཅུའི་ཞི་བའི་གོམ་བགྲོད་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་དོན་ཞི་བའི་གོམ་བགྲོད་པ་དོན་གྲུབ་ལྷ་དར་དང་། བློ་བཟང་ཡེ་ཤེས་ལགས། སྤན་པ་ཚེ་རིང་ལགས། མིག་དམར་སྒྲོལ་མ་ལགས་དང་ཐུབ་བསྟན་ཆོས་ཉིད་བཅས་ཁོང་རྣམ་པ་དང་། སྤྱི་ཡོངས་ཀྱི་གོམ་བགྲོད་ལས་འགུལ་དེ་གང་འདྲ་བྱུང་ཡོད་མེད་དང་། དེས་བོད་ཀྱི་རྩ་དོན་ལ་གང་འདྲ་ཕན་འདོགས་ཡོང་གི་ཡོད་མེད། དེ་བཞིན་ཁོང་རྣམ་པས་ཐོག་མའི་དམིགས་ཡུལ་བསྒྲུབ་ཐུབ་ཡོད་མིན་སོགས་ཀྱི་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎