བོད་མི་ཚོས་སེམས་ཤུགས་སྐྱེས་ནས་ཧུར་ཐག་དགོས་པ།
2022.07.07

ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། ༧རྒྱལ་བའི་འཁྲུངས་སྐར་ཉིན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་དང་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ་གནང་ཡོད་ཅིང་། ༧གོང་ས་མཆོག་ནས་བཀའ་སློབ་གནང་པའི་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡོད་པ་དང་། མ་འོངས་མུ་མཐུད་སེམས་ཤུགས་སྐྱེས་ནས་ཧུར་ཐག་དགོས་པ་སོགས་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག