གཞན་ལ་བརྩེ་བ་བྱེད་རྒྱུ་དང་ཉམ་ཐག་ཚོར་རོགས་མགོན་བྱ་རྒྱུ་གལ་ཆེ།
2021.03.12

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༣པའི་ཚེས་༡༢་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་སོག་པོ་རྒྱལ་ཁབ་ཀྱི་གཞོན་སྐྱེས་སློབ་ཕྲུག་དང་དད་མི་མང་རྣམས་ལ་བཀའ་ཆོས་སྩོལ་སྐབས། འཛམ་གླིང་ཤར་ནུབ་ཀྱི་མི་ཡོངས་རྫོགས་བདེ་སྡུག་གཅིག་གྱུར་ཡིན་པས། གཞན་ལ་བརྩེ་བ་བྱེད་རྒྱུ་དང་ལྷག་པར་ཉམ་ཐག་ཚོར་རོགས་མགོན་བྱ་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བར་གསན་རོགས་ཞུ།།