ལོ་ཆུང་བྱིས་པ་རྣམས་ལ་རྒྱ་གུན་བྲན་ཏང་གི་རྗེས་འབྲངས་པ་བྱ་རྒྱུའི་དམ་བཅའ་བཞགས་བཅུགས་པ།
2021.06.04

༄༅།།ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་གཙོ་བོར་འགྱུར་བའི་དད་ལྡན་པ་རྣམས་ལ་ཕྱི་ཟླ་༦་ཚེས་༡་ཉིན་གཞན་ཕན་བྱང་ཆུབ་ཀྱི་སེམས་དགོང་འཕེལ་གཏོང་དགོས་པ་སོགས་ཀྱི་གསུང་ཆོས་བཀྲིན་སྩལ་གནང་མཛད་པ་ལས་ལྡོག་ཏེ་ཉིན་དེར་རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་གྱི་ལོ་ཆུང་བྱིས་པ་རྣམས་ལ་རྒྱ་གུན་བྲན་ཏང་གི་རྗེས་འབྲངས་པ་བྱ་རྒྱུའི་དམ་བཅའ་བཞགས་བཅུགས་པ་སོགས་ཀྱི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།