ས྄་ཊེན་ཕོཌ་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ།
2010.10.15

༸གོང་ས་མཆོག་གི་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་པའི་ཚེས་བཅུ་བཞིའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨི་རིའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་ས྄་ཊེན་ཕོཌ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ལ་བླང་དོར་གྱི་བཀའ་སློབ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་སྐུ་སྒེར་གྱི་མཇལ་འཕྲད་གནང་ཡོད་པའི་སྐོར། འཆི་མེད་ལགས་དང་གཡུ་སྒྲོན་ལགས་བཅས་རྣམ་པ་གཉིས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎