༸གོང་ས་མཆོག་ས་ར་ན་ཐར་༸ཞབས་སོར་འཁོད།
2013.01.07
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཇོ་ལེབ་ཆོས་འཕེལ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༣ ཟླ ༡ ཚེས་ ༦ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་ཆེན་ལྦ་ར་ནྰ་སིར་ཞབས་སོར་འཁོད་གནང་སྐབས། ལྦར་ན་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་བརྟན་ལགས་ཀྱི་གཙོས་དགེ་འདུན་པ་དང་དེ་བཞིན་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཕེབས་ལམ་གཡས་གཡོན་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎