༸གོང་ས་མཆོག་ལཌི་བི་ཡ་རུ་ཞབས་སོར་འཁོད།
2014.05.05

༸གོང་ས་མཆོག་གི་དྲ་གནས།
༄༅༎ཐེངས་འདིའི་གཏམ་གླེང་གི་ལེ་ཚན་ནང་དུ། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལཌི་ཝི་ཡའི་ནང་ཞབས་སོར་འཁོད་ནས། ཉིན་གཉིས་རིང་ཤེས་རབ་སྙིང་པོ་དང་ལག་ལེན་སོ་བདུན་མའི་ཆོས་འབྲེལ་གནང་བཞིན་ཡོད་པའི་སྐོར། སྒྲོལ་དཀར་ལགས་ཀྱིས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་དབུ་འཛིན་ཏེ་ལོ་རིན་པོ་ཆེ་དང་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་བཅས་རྣམ་པ་གཉིས་དང་ལྷན་བཀའ་མོལ་ཞུས་པར་གསན་རོགས།