ཇོན་ཊེམ་པལ་ཊན་གཟེངས་རྟགས།

༸གོང་ས་མཆོག་གིས་གཟེངས་རྟགས་ཀྱི་ཕྱག་དངུལ་བྱིས་པ་རོགས་སྐྱོབ་ཚོགས་པར་གསོལ་སྩལ་མཛད་པའི་གནས་ཚུལ།

2012.05.17
༸གོང་ས་མཆོག་གིས་གཟེངས་རྟགས་ཀྱི་ཕྱག་དངུལ་བྱིས་པ་རོགས་སྐྱོབ་ཚོགས་པར་གསོལ་སྩལ་མཛད་པའི་གནས་ཚུལ།
Photo: RFA
༄༅༎ཕྱི་ཟླ་༥ཚེས་༡༤རེས་གཟའ་ཟླ་བའི་ཉིན་ཨིན་ཇིའི་རྒྱལ་ས་ལོན་ཌོན་ཏུ་རྟེན་གཞི་གནང་བའི་ཇོན་ཊེམ་པལ་ཊན་ཐེབས་རྩ་ཚོགས་པས་ John Templeton Foundation ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་དེང་རབས་ཀྱི་ཚན་རིག་པ་དང་འབྲེལ་བ་གནང་སྟེ་བྱམས་བརྩེའི་ནུས་སྟོབས་གོང་སྤེལ་དང་། ཆོས་ལུགས་དབྱེར་མེད་ཀྱི་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་གོང་སྤེལ། དེ་བཞིན་འཚེ་མེད་ཞི་བ་དང་། ལྟ་སྒྲུབ་མི་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་ཤེས་རྟོགས་ཀྱིས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བཅས་མཛད་པ་དེ་དག་ནི་འགྲན་ཟླ་བྲལ་བའི་རླབས་ཆེན་མཛད་བཟང་ཞིག་ལ་ངོས་འཛིན་གྱིས་ཆེས་མཐོའི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་བཞེས་མཛད་ཡོད་པ་དང༌།གཟེངས་རྟགས་ཀྱི་ཕྱག་དངུལ་བྱིས་པའི་རོགས་སྐྱོབ་ཚོགས་པ་ Save the Children Fund ལ་གསོལ་སྩལ་མཛད་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎