ལཊ་ཝི་ཡའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད།


2013.09.11
༸གོང་ས་མཆོག་ནས་ལཊ་ཝི་ཡའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༩ཚེས་༡༠ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་ལཊ་ཝི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་ལ་གདུང་སེམས་མཉམ་སྐྱེ་གནང་མཁན་རྣམས་དང་མཇལ་འཕྲད་མཛད་སྐབས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་ཁོང་རྣམས་པས་དུས་རྟག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན་སྐོར་ཞུས་པ་མ་ཚད། དེང་སྐབས་དུས་ཚོད་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྤྱི་ཚོགས་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་གིས་མི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་པར་བཀའ་དྲིན་ཆེ་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པ་ཚོས་༸གོང་ས་མཆོག་མགྲོན་འབོད་ཞུས་པར་བཀའ་དྲིན་ཆེ་གསུངས་པ་དང་ཆབས་ཅིག། བཀའ་གནང་དོན། འདས་པའི་མི་ལོ་ ༥༠ ལྷག་ཙམ་རིང་ངོས་ཀྱིས་བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུར་ཞབས་འདེགས་ཕྲན་བུ་ཞུས་པར་ངོས་འཛིན་ཞུས་ཆོག དེར་བརྟེན་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒས་ཡོལ་ཆ་ཚང་ཞུ་ཐུབ་པ་རེད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཆགས་རྒྱུར་ཆོད་སེམས་བརྟན་པོ་ཡོད། དེ་ལྟར་བྱས་ཚེ་བོད་དེ་བཞིན་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་རྒྱུར་ཁེ་ཕན་ཡོད། འོན་ཀྱང་ཁྱེད་ཚོ་ལྟར་བོད་མི་ཚོ་ལའང་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཡོད། ཁྱེད་ཚོས་ཇི་ཙམ་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་བརྩེ་བ་ཡོད་པ་བཞིན་བོད་མི་ཚོས་ཀྱང་དེ་མཚུངས་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེ་དག་ལ་ཧ་ཅང་གཙིགས་ཆེར་འཛིན་བཞིན་ཡོད། ཕྱོགས་མཚུངས་ནང་པ་སངས་རྒྱས་པའི་གཞུང་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ཚེ་བོད་ཡིག་ལས་ལྷག་པའི་སྐད་རིགས་དེང་སྐབས་འཛམ་གླིང་འདིའི་ནང་བརྙེད་རྒྱུ་མེད། ང་ཚོའི་དམིགས་ཡུལ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་པ་དེ་ལག་བསྟར་བྱེད་དགོས་རྒྱུ་དེ་ཡིན། ཞེས་བཀའ་སློབ་སྩལ་གནང་མཛད་འདུག།
Latviaའི་ནང་གི་མཛད་རིམ་གྲུབ་ནས་དེ་རིང་ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་ལི་ཐུཝི་ནི་ཡའི་ Lithuania རྒྱལ་ས་Vilniusརུ་ ཆིབས་བསྒྱུར་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎