༸གོང་ས་མཆོག་ནས་མེ་ཌི་སན་དུ་བཀའ་སློབ་བསྩལ།
2010.05.17

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ཟླ་ལྔ་པའི་ཚེས་བཅུ་དྲུག་རེས་གཟའ་ཉི་མའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ཝིས་ཀན་སིན་མངའ་སྡེའི་ནང་ཝིས་ཀན་སིན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སེམས་ཁམས་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གསར་པ་ཞིག་དབུ་འབྱེད་གནང་བ་དང༌།ཁུལ་དེའི་བོད་མི་ཚོར་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཆེད་གཉེར་གནང་བའི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ནས་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎