ཝེཏ་ནཱམ་དང་རྒྱ་རིགས་དད་ལྡན་ཆོས་ཞུ་བར་གསུང་ཆོས་སྩལ།
2014.05.04

༸གོང་ས་མཆོག་གི་དྲ་གནས།
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཝེཏ་ནཱམ་དང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་དུ་བཅར་བའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་ཉིན་གཉིས་རིང་ཕོ་བྲང་དུ་གསུང་ཆོས་དང་བླང་དོར་གྱི་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས།།