༧རྒྱལ་བའི་བཀྲིན་རྗེས་དྲན་ངོ་མ་ཇི་ལྟར་ཞུ་དགོས་སམ།
འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་ཡང་སྒོས་བོད་འབངས་རྣམས་ལ་བསྐྱངས་པའི་བླ་ན་མེད་པའི་མཛད་རྗེས་དག་ལ་བཀྲིན་རྗེས་དྲན་མཚོན་ཆེད་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་༧སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་བ་སོགས་ཞབས་བརྟན་གྱི་བྱེད་སྒོ་དུ་མ་སྤེལ་གྱི་ཡོད་པ་རེད། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་༧རྒྱལ་བ་༧སྐུ་ཕྲེང་རིམ་བྱོན་བོད་འབངས་ལ་བཀྲིན་ཆེ་ཚུལ་ཇི་ལྟར་ཡིན་མིན་དང་བོད་མིའི་ངོས་ནས་༧རྒྱལ་བའི་བཀྲིན་རྗེས་དྲན་ངོ་མ་ཇི་ལྟར་ཞུ་དགོས་མིན་སྐོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་འཕེལ་ཚང་བློ་བཟང་སྦྱིན་པ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།