༧གོང་ས་མཆོག་གི་ཚན་རིག་མཛད་པ།


2020.07.07
༧གོང་ས་མཆོག་གི་ཚན་རིག་མཛད་པ། ༧གོང་ས་མཆོག་གི་ཚན་རིག་མཛད་པ།
སྒྲིག་བཟོ།/RFA

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྒོ་གསུམ་གུས་པ་ཆེན་པོས་སྐུ་ཚེ་ཡུན་དུ་བརྟན་ཞིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་དང་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་བསྟུན། འདས་པའི་ལོ་ངོ་བཞི་བཅུ་མ་ཟིན་ཙམ་གྱི་དུས་ཡུན་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་གི་གཞི་ཡུལ་མི་འདྲ་བའི་ཚན་རིག་པ་དུ་མ་དང་དགོངས་ཚུལ་བརྗེ་ལེན་གྱི་མཛད་རྗེས་བསྐྱངས་གནང་མཛད་པ་དེས་ཚན་རིག་པའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཇི་བྱུང་དང་། དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་དགོངས་འགྲོ་བ་མི་ཡོངས་ཀྱི་བདེ་ཐབས་ཐད་ཕན་ནུས་ཇི་བྱུང་། འཛམ་གླིང་ཚན་རིག་པ་གྲགས་ཅན་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འདེངས་འཇོག་ཞུ་ཕྱོགས་སོགས་དང་འབྲེལ་བའི་ཆེད་སྒྲིག་གི་ལེ་ཚན་ཞིག་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎