བཀའ་བསྟན་སློབ་སྦྱོང་བྱས་ནས་དུས་རབས་༢༡པའི་ནང་པ་བྱེད་དགོས།


2014.02.05
༧གོང་ས་མཆོག་གིསShillongགི་སྤོ་ལོའི་ཐང་ཆེན་དུ་མཛད་འཕྲིན་སྤེལ་སྐབས། ༢༠༡༤/༠༢ ༧གོང་ས་མཆོག་གིསShillongགི་སྤོ་ལོའི་ཐང་ཆེན་དུ་མཛད་འཕྲིན་སྤེལ་སྐབས།
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་བཀའ་བསྟན་ལ་སློབ་དེབ་ཀྱི་ཚུལ་དུ་སློབ་སྦྱོང་བྱས་ནས་དུས་རབས་༢༡པའི་ནང་པ་ཞིག་བྱེད་དགོས་པ་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚེས༤ཉིན་རྒྱ་གར་བྱང་ཤར་གྲོང་ཁྱེར་Shillong་ཕུ་ལ་ཡོད་པའི་བོད་པའི་དགོན་པ་དགའ་ལྡན་ཆོས་གླིང་དུ་གནས་གཟིགས་ཆིབས་བསྒྱུར་བསྐྱངས་པ་དང་། དགོན་པར་རབ་གནས་བཀྲིན་ཆེ་གནང་ཡོད་པ་དང་། སྐབས་དེར་དགོན་པའི་དགེ་འདུན་པ་དང་། ས་གནས་རྒྱ་གར་གྱི་སྦྱིན་བདག་ཚོར་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་པ་དང་ནང་ཆོས་ལ་དད་པ་ཞུ་མཁན་ཚང་མར་ཁ་ནས་འདོན་པ་བཏོན་ནས་ནང་ཆོས་ལ་དད་པ་བྱས་པ་ཙམ་མ་ཡིན་པར་རང་ཉིད་ཀྱིས་སངས་རྒྱས་ཀྱི་གསུངས་པའི་བཀའ་བསྟན་ལ་སློབ་དེབ་ཀྱི་ཚུལ་དུ་སློབ་སྦྱོང་བྱས་ནས་དུས་རབས་༢༡པའི་ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་གི་ཡོད་སྐོར་བཀའ་གནང་འདུག
དགའ་ལྡན་ཆོས་གླིང་དགོན་པའི་ནང་གནས་གཟིགས་གྲུབ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Shillongགི་སྤོ་ལོའི་ཐང་ཆེན་དུ་འདུས་པའི་དད་ལྡན་མང་ཚོགས་༥༠༠༠ཙམ་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་ཆེ་གནང་མཛད་འདུག
བཀའ་དབང་དབུ་འཛུགས་མ་གནང་གོང་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་རྒྱལ་སྲས་ལག་ལེན་༣༧མའི་བཀའ་ཁྲིད་སྩལ་གནང་མཛད་པ་དེ་དག་ཆོས་ཞུ་བ་རྣམས་པའི་ཆེད་དུ་མོན་སྐད་དང་། འབྲུག་པའི་སྐད། དབྱིན་སྐད་བཅས་ཀྱི་ནང་གསུངས་བསྒྱུར་ཞུས་འདུག དེ་དང་ཆབས་ཅིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་རྣམས་ལ་བདེན་པ་བཞིའི་སྐོར་བཀའ་འགྲེལ་གནང་བ་དང། རང་གི་གཤིས་བརྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་མེད་པ་བཟོ་ཐབས་སྐོར་བཀའ་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎